吉祥聚歌
吉祥聚歌

吉祥聚歌

Pop

  • 播放次数

    0

  • 喜欢

    0

吉祥聚歌

吉祥聚歌

更尕索昂
更尕索昂

发表时间 2019-01-10

歌词 动态歌词

བཀྲ་ཤིས་འཛོམས་གླུ
ཚིག:སྒ•ཀུན་དགའ་ཆོས་འཕེལ།
དབྱངས::སྒ•ཀུན་དགའ་ཆོས་འཕེལ།
ལེན་མཁ:ཀུན་དགའ་བསོད་ནམས།
སྐྱིད་ཉི་མ་ཤར་བའི་དུས་བཟང་ལ།
ཕ་ཨ་ཁུ་གྲལ་གྱི་འགོ་ལ་བཞུགས།
རྒན་ཚེ་ཐག་རིང་བའི་གླུ་ཞིག་འབུལ་།
གླུ་འདི་ནི་བུ་ངའི་བརྩེ་བ་དང་འདྲེས་ཡོད།
ངག་རེ་རེ་མེས་པོའི་གླིང་བུ་དང་བསྡེེབས་ཡོད།
ཨ་་་་་་་་་་་འཛོམས་པ་ཡག
བོད་རླུང་རྟ་དར་བའི་བཀྲ་རེ་ཤིས།

བོད་ཆོས་གསུམ་འཛོམས་པའི་དུས་བཟང་ལ།
གཞོན་ན་ཟླ་གྲལ་གྱི་དཀྱིལ་ལ་བཞུགས།
སེམས་སྐྱིད་ལ་འཁོར་བའི་གླུ་ཞིག་ལེན།
གླུ་འདི་ནི་ལོ་ཆང་ཁམ་པ་དང་འདྲེས་ཡོད།
ངག་རེ་རེ་མེས་པོའི་གསུང་དབྱངས་ལ་དྲངས།
ཨ་་་་་་་་་་འཛོམས་པ་ཡག།
ལས་དབང་ཐང་རྒྱས་པའི་བཀྲ་རེ་ཤིས།།
སྡེ་ཁྲོམ་ཆེན་འཛོམས་པའི་དུས་བཟང་ལ།
མ་སྲིད་མོ་གྲལ་གྱི་རྟིང་ན་བཞུགས།
ནང་ཕུ་ནུ་འཛོམས་པའི་གླུ་ཞིག་ལེན།
གླུ་འདི་ནི་འབྲི་མོའི་འོ་མ་དང་འདྲེས་ཡོད།
ངག་རེ་རེ་དབྱངས་གསལ་སོ་བཞི་ཡིས་བརྒྱན་ཡོད།
ཨ་་་་་་་་་་་འཛོམས་པ་ཡག །
བོད་ཁ་ལས་དགེ་བའི་བཀྲ་རེ་ཤིས།

...查看更多 收起