觉悟神山
觉悟神山

觉悟神山

Pop

  • 播放次数

    0

  • 喜欢

    0

觉悟神山

觉悟神山

文章才仁
文章才仁

发表时间 2019-01-10

歌词 动态歌词

སྒ་སྟོད་ཇོ་བོ་ལ་བསྟོད་གླུ།
(ལྷ་མི་ཀླུ་གསུམ་གྱི་རང་སྒྲ)

ཚིག:མཚོ་ཁྲི་སེངྒེ་ལྷ་སྐྱབས།
དབྱངས:སྒ· ཀུན་དགའ་ཆོས་འཕེལ།
གཞས་པ:དབང་གྲགས་ཚེ་རིང་།

སྒ་སྟོད་ཇོ་བོ་སངས་རྒྱས་སྟོང་གི་སྲས་དཔོན་རེད།།
སྒྱོགས་ཆེན་གདོང་རྭ་མགུ་ལྷ་བཅུ་གསུམ་ནང་ཚན་རེད།།
སྒ་སྟོད་ཇོ་བོ་ལྷ་དབང་འདྲ།།
ལྷ་དང་བླ་མས་མཆོད་གནས་ཡིན།།
སྒྱོགས་ཆེན་གདོང་རྭ་གསེར་རི་འདྲ།།
གསེར་དང་ནོར་གྱི་བང་མཛོད་ཡིན།།
ཀི་ཀི་བསྭོ་བསྭོ། བསྭོ་བསྭོ་ལྷ་རྒྱལ་ལོ།།
སྲེད་སྤང་རྡོ་རྗེ་ས་བརྒྱད་ཐོབ་པའི་སེམས་དཔའ་རེད།།
ཇོ་བོ་ཞལ་དཀར་དབུ་ནག་བོད་པའི་མཆོད་གནས་རེད།།
སྲེད་སྤང་རྡོ་རྗེ་མི་དབང་འདྲ།།
སྒ་ལུང་བུ་ཡི་སྡོངས་གྲོགས་ཡིན།།
ཇོ་བོ་ཞལ་དཀར་དུང་རི་འདྲ།།
བསང་དང་རླུང་རྟ་དར་ས་ཡིན།།
ཀི་ཀི་བསྭོ་བསྭོ། བསྭོ་བསྭོ་ལྷ་རྒྱལ་ལོ།།
སྒ་སྟོད་ཇོ་བོ་སྲིད་པ་ཆགས་པའི་ལྷ་ཆེན་རེད།།
དབང་ཆེན་ཀུན་གྲགས་ཁ་བ་ཅན་གྱི་བླ་རི་རེད།།
སྒ་སྟོད་ཇོ་བོ་ཀླུ་དབང་འདྲ།།
སྲིད་པའི་ཕྱྭ་གཡང་ཆགས་ས་ཡིན།།
དབང་ཆེན་ཀུན་གྲགས་དངུལ་རི་འདྲ།།
གླུ་དང་བྲོ་གར་མཆོད་ས་ཡིན།།
ཀི་ཀི་བསྭོ་བསྭོ། བསྭོ་བསྭོ་ལྷ་རྒྱལ་ལོ།།

...查看更多 收起