康朵美朵群宝

分类 Pop
发布 2019 年 1 月 10 日
播放次数

0


喜欢

0


播放

ཁམས་སྟོད་མེ་ཏོག་ཆུན་པོ
ཚིག་དབྱངས:ཐུབ་བསྟན་ཀུན་དགའ །
གཞས་མ:ཉི་མ་བདེ་སྐྱིད །

ཁམས་སྟོད་མེ་ཏོག་ཆུན་པོ།
གླུ་གར་ཞིང་གི་མཆོད་པ།
སྐལ་བཟང་མེ་ཏོག
མཐོ་སྒང་གཙང་གསུམ་ལྗོངས་ནས་ལང་ཚོ་ངོམ།
བསྭོ། ཨེ་མ། ལང་་ཚོ་ངོམ།
ལང་ཚོ་ངོམ་ལ་འཆར་ཡན་ལྡན

ཁམས་སྟོད་མེ་ཏོག་ཆུན་པོ།
གླུ་གར་རྩལ་གྱི་ཕྲ་རྒྱན།
སྐལ་བཟང་མེ་ཏོག
སྣ་བརྒྱ་འདབ་མ་ཚོགས་ནས་བཀྲག་མདངས་ངོམ།
བསྭོ། ཨེ་མ། བཀྲག་མདངས་ངོམ།
བཀྲག་མདངས་ངོམ་ལ་ཡ་མཚན་ཆེ།

ཁམས་སྟོད་མེ་ཏོག་ཆུན་པོ།
གླུ་གར་གཡང་གི་ལྟད་མོ།
སྐལ་བཟང་མེ་ཏོག
ལོ་སྟོང་གར་སྟེགས་པང་ནས་སྒེག་འཆོས་ངོམ།
བསྭོ། ཨེ་མ། སྒེག་འཆོས་ངོམ།
སྒེག་འཆོས་ངོམ་ལ་ཉམས་འགྱུར་ལྡན།

ཁམས་སྟོད་མེ་ཏོོག་ཆུན་པོ།
གླུ་གར་དཔལ་གྱི་ལ་རྒྱ།
སྐལ་བཟང་མེ་ཏོག
ཕྱོགས་བཞི་ཡུལ་གྲུ་ཀུན་ནས་མཚན་སྙན་ངོམ།
བསྭོ། ཨེ་མ། མཚན་སྙན་ངོམ།
མཚན་སྙན་ངོམ་ལ་གྲགས་པ་ཆེ།